Editorials‎ > ‎

Response to Chitue Jamyang Soepa by the volunteer editors of The Tibetan Political Review

posted Oct 23, 2013, 3:51 PM by The Tibetan Political Review   [ updated Oct 23, 2013, 5:55 PM ]

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་

བའི་དང་བླངས་རྩོམ་སྒྲིག་པ་དག་གིས་སྤྱི་འཐུས་འཇམ་དབྱངས་བཟོད་པར་ཕུལ་བའི་ལན།

By the editorial board of The Tibetan Political Review  (TPR)

Jamyang Soepa, Chitue (MP) in the Tibetan Parliament-in-Exile


It has come to our attention that Chitue Jamyang Soepa,* a Tibetan Parliament-in-Exile member representing Kham, recently referred to TPR in a parliamentary debate.  As a small, young, all-volunteer website, we are flattered to receive the attention of the honorable Chitue.  However, we regret to have to point out that the honorable Chitue is mistaken in his unflattering assertions about TPR.


The honorable Chitue referred to TPR in a statement about what he described as His Holiness the Dalai Lama’s lha-gung-truk-yeh (disruption of divine thought).  Speaking in Parliament, the honorable Chitue asserted that the situation allegedly causing distress to His Holiness didn’t happen suddenly, and that it was the accumulation of many causes, and then the honorable Chitue specifically named TPR, among other names, as being in part responsible.

We believe it is highly improper for the honorable Chitue to attempt to speak on behalf of His Holiness.  We also respectfully remind the honorable Chitue that statements on the floor of the Parliament should not be made irresponsibly.  TPR has no more to do with this issue than any number of other Tibetan websites.  If the honorable Chitue has any actual facts to back up his baseless allegation, it would be our honor to publish a statement by him in Tibetan and/or English.

Our motivation in volunteering our time for this website is to help advance His Holiness's vision of a strong and vibrant Tibetan democracy, whose success stands as a beacon to our brothers and sisters in Tibet.  We believe we are making a small contribution to this goal, and we thank our readers for this opportunity.

##   ##   ##

* Chitue Jamyang Soepa is a native of Lithang, Kham. He was elected to the Parliament in 2011 with 6,536 votes. A brief biography is available here.  His statement on TPR is available here  (2:00:00 - 2:03:57).

ཉེ་ཆར་གྱི་གྲོས་ཚོགས་ནང་གི་བགྲོ་གླེང་ཞིག་གི་སྐབས་སུ། མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ནས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བའི་སྐོར་ལ་གླེང་སློང་བྱས་བ་དེར་ང་ཚོས་དོ་སྣང་བྱུང་། དང་བླངས་དགོས་སྒྲུབ་བཞིན་པའི་དྲ་རྒྱ་ལོ་གཞོན་འདིར་དོ་སྣང་སྤྲད་པར་ང་ཚོ་སྤྲོ་བ་འཕེལ། གང་ལྟར། ང་ཚོས་བཀུར་འོས་སྤྱི་འཐུས་ཀྱིས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བའི་སྐོར་གྱི་སྐྱོན་བརྗོད་གཏམ་བཤད་དེའི་ཁྲོད་དུ་ནོར་འཁྲུལ་ཡོད་པ་ཁ་རུ་འདོན་དགོས་བྱུང་བར་དགོངས་འགལ་མེད་པ་ཞུ།


བཀུར་འོས་སྤྱི་འཐུས་ཁོང་གིས་༧རྒ

ྱལ་བ་རིན་པོ་ཆེའི་དགོངས་གཞི་དཀྲུགས་གཞིའི་སྐོར་གྱི་བསྒྲགས་གཏམ་དེའི་ཁོངས་སུ་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བ་ཁུངས་འདྲེན་བྱས་སོང་། གྲོས་ཚོགས་རྭ་བའི་ནང་དུ། སྤྱི་འཐུས་ཁོང་གིས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དཀྲུགས་རྐྱེན་གྱི་གནས་སྟངས་ནི་གློ་བུར་དུ་བྱུང་བ་ཞིག་མིན་པའི་གཏམ་བཤད་དང་མིང་འགའ་བཏོན་པའི་ཁོངས་སུ་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བའི་མིང་ཡང་བཏོན་ཡོད་པ་མ་ཟད་དེ་ལ་འགན་འཁྲི་ཡོད་པའི་སྐོར་ཡང་གླེང་ཡོད།



ང་ཚོས་བཀུར་འོས་སྤྱི་འཐུས་ཤིག་
གིས་༧གོང་ས་མཆོག་གི་ངོ་ཚབ་ལྟར་གཏམ་གླེང་བྱེད་པ་ནི་མ་འོས་པ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ད་དུང་གུས་བཀུར་ཡོད་པའི་སྒོ་ནས་བཀུར་འོས་སྤྱི་འཐུས་ལ་དྲན་སྐུལ་ཞུ་རྒྱུར། གྲོས་ཚོགས་ར་བའི་ནང་ནས་འགན་མེད་ཀྱི་བསྒྲགས་གཏམ་སྤེལ་མི་རུང་། གནད་དོན་འདིའི་ཐད། བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བར་བོད་ཀྱི་དྲ་རྒྱ་གཞན་ལས་ལྷག་པའི་བྱེད་བབས་ཅི་ཡང་མེད། གལ་སྲིད་བཀུར་འོས་སྤྱི་འཐུས་ལ་ཁོང་གི་གཞི་མེད་སྐྱོན་འཛུགས་དེར་བདེན་པའི་ཁུངས་སྐྱེལ་ཡོད་ཚེ། ང་ཚོས་ཁོང་གི་རྒྱུ་མཚན་དེ་བོད་དབྱིན་གང་རུང་དུ་དཔར་བསྐྲུན་བྱེད་རྒྱུའི་དགའ་བསུ་ཞུ་གི་ཡོད།


ང་ཚོས་དང་བླངས་སྒོས་དྲ་རྒྱ་འདི
འི་ཆེད་དུ་དུས་ཚོད་གཏོང་དོན་ནི། ༧རྒྱལ་བ་རིན་པོ་ཆེའི་བོད་ཀྱི་གཏིང་ཚུགས་པའི་མང་གཙོའི་འཆར་སྣང་དེ་རྒྱ་བསྐྱེད་ལ་རོགས་རམ་བྱེད་ཆེད་ཡིན་ལ། དེ་ཡི་གྲུབ་འབྲས་ནི་བོད་ནང་གི་ང་ཚོའི་སྤུན་ཟླ་དག་གི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡང་རེད། ང་ཚོས་དམིགས་ཡུལ་འདིའི་སླད་དུ་ཞབས་ཞུ་ཆུང་ཆུང་ཞིག་བསྒྲུབ་བཞིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ང་ཚོའི་ཀློག་པ་པོ་རྣམས་ལ་ཡང་གོ་སྐབས་འདིའི་ཆེད་དུ་ཐུགས་རྗེ་ཆེ་ཞུ།

##   ##   ##


སྤྱི་འཐུས་འཇམ་དབྱངས་བཟོད་པ་ནི་ཁམས་ལི་ཐང་ནས་ཡིན་ཞིང་། ཁོང་ཕྱི་ལོ་༢༠༡༡ལོར་འོས་གྲངས་༦༥༣༦ཐོབ་ནས་སྤྱི་འཐུས་སུ་འདེམས། ཁོང་འདི་ལོ་རྒྱུས་མདོར་བསྡུས་ཤིག་འདི་རུ་འདུག (http://bit.ly/H80I9d) ཁོང་གིས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དྲ་བའི་སྐོར་ལ་བཏོན་པའི་གཏམ་བཤད་དེ་འདི་རུ་ཡོད། (http://bit.ly/1ib6jHi  (2:00:00 - 2:03:57))


Share on Facebook, Twitter, or Google+
Facebook Twitter More...


 
 
Comments